དགེ་བཤེས་ཤེས་རབ་རྒྱ་མཚོས་དར་ཆགསལ་སྟོན་ངང་མེས་རྒྱལ་ཁ་བྲལ་ལ་འགོག་རྒོལ་མཛད་པ།
དགེ་བཤེས་ཤེས་རབ་རྒྱ་མཚོ་ནི་ནང་པའི་བླ་ཆེན་གཅིག་ཡིན་པ་མ་ཟད།སྤྱི་ཚོགས་ལས་འགུལ་བ་ཞིག་ཀྱང་ཡིན། དེས་མ་ཟད་ཀྲུང་གོའི་ཆོས་ལུགས་མི་སྣའི་ཁྲོད་ཀྱི་ཕུལ་བྱུང་གི་དབུ་འཛིན་ཞིག་དང་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་ཤིག་ཀྱང་ཡིན། ཁོང་གིས་བཙན་རྒྱལ་རིང་ལུགས་པའི་བཙན་རྒྱལ་དང་བོད་ཀྱི་མཐོ་རིམ་ལོག་སྤྱོད་པའི་ཁ་བྲལ་གྱི་ལས་འགུལ་ལ་འགོག་རྒོལ་དང་མེས་རྒྱལ་གོང་བུ་གཅིག་འགྱུར་དང་བརྟན་གཞི་མཐུས་ཚང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།ནང་པ་སངས་རྒྱས་གྱི་བསྟན་པ་བརྒྱུད་འཛིན་དང་དར་སྤེལ།བོད་རིག་པའི་བྱ་གཞག་སྲུང་སྐྱོབ་དང་ཡར་སྤེལ་བཅས་ཀྱི་ཆེད་དུ་སྐུ་ཚེ་ཧྲིལ་པོར་ལེགས་སྐྱེས་ཕུལ། ཁོང་ནི་ཀྲུང་གོ་གསར་པའི་ཆོས་ལུགས་མི་སྣའི་མིག་དཔེ་དང་ནང་པ་སངས་རྒྱས་པའི་ཆེས་བླ་ན་མེད་པའི་བླ་མ་ཞིག་ཡིན།
1954年,毛泽东主席与出席全国人民代表大会一届一次会议的青海省代表、中国佛教协会代会长喜饶嘉措大师亲切交谈。
རི་པིན་བཙན་རྒྱལ་རིང་ལུགས་ལ་འགོག་རྒོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་མགོ་ཚུགས་པའི་རྗེས་ཀྱི་སྤྱི་ལོ་༡༩༣༩ལོར་ཤེས་རབ་རྒྱ་མཚོ་མཆོག་ཀན་སུའུ་དང་མཚོ་སྔོན་རྒྱུད་ལ་ཕེབས་ཏེ་གྲྭ་བཙུན་མཉམ་མཐུན་ངང་རི་པིན་དམག་ལ་འགོག་རྒོལ་དང་དམག་འགོག་རྒྱལ་སྐྱོབ་དྲིལ་བསྒྲགས་བྱེད་རྒྱུར་སྐུལ་སློང་གནང་ཤིང་༼རི་འགོག་དྲིལ་བསྒྲགས་ཀྱི་ཕྱིར་སོག་བོད་དམངས་ལ་གདམས་པ་༽ཞེས་པ་དང་༼ཆོས་དུང་དཀར་པོའི་སྒྲ་དབྱངས་༽སོགས་ཀྱི་རྩོམ་ཡིག་སྤེལ་གནང་། དེ་དང་ཆབས་ཅིག་འཚེ་མེད་ཞི་བདེའི་སྨོན་ལམ་ཀྱང་ཚོགས་པར་མཛད།
抗日战争全面爆发后,1939年,喜饶嘉措前往甘肃、青海一带,发动僧俗团结抗日,积极宣传抗战救国,发表了《为宣传抗战告蒙藏同胞书》《白螺的声音》,并举行息灾诵经法会。
1954年10月,印度总理尼赫鲁访华时与喜饶嘉措大师亲切握手。
སྤྱི་ལོ་༡༩༤༩ལོར།ཤེས་རབ་རྒྱ་མཚོ་མཆོག་ནན་ཅིན་ནས་མཚོ་སྔོན་དུ་ཕྱིར་ཕེབས་མཛད། སྔར་མཚོ་སྔོན་དམག་དཔུང་གི་མཱ་པུ་ཧྥང་མཚོ་སྔོན་ནས་བྲོས་བྱོལ་བྱེད་སྐབས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་པཎ་ཆེན་བཅུ་པ་ཆེན་མོ་གཉིས་མཉམ་དུ་ཐའེ་ཝན་དུ་གདན་འདྲེན་རྩིས་བྱས་ཀྱང་ཁོང་གཉིས་ཀྱིས་ཀྲུང་གོ་གསར་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་ལང་ཕྱོགས་ལ་དགོངས་བཞེས་ཀྱིས་ཐུགས་ཐག་ཆོད་པོས་ཞལ་བཞེས་མ་གནང་།མཚོ་སྔོན་བཅིངས་འགྲོལ་བཏང་རྗེས་ཤེས་རབ་རྒྱ་མཚོ་མཆོག་མཚོ་སྔོན་ཁུལ་གྱི་ས་ཆ་ཁག་ལ་ཕེབས་ཏེ་སྲིད་ཇུས་དྲིལ་བསྒྲགས་དང་མཚོ་སྔོན་ཁུལ་གྱི་བརྟན་བརླིང་ཆེད་དུ་ལེགས་སྐྱེས་ཚད་མེད་ཕུལ།
1949年,喜饶嘉措从南京返回青海故里。青海军阀马步芳逃离青海时,曾打算偕同喜饶嘉措和十世班禅额尔德尼前往台湾,两位大师都断然拒绝,毅然站在了新中国及人民大众的立场上。青海解放后,喜饶嘉措多次奔赴青海各藏区,宣传政策,为稳定青海藏区做出了贡献。
1955年4月4日至5月8日,应吴努总理和缅甸联邦佛教会的邀请,喜饶嘉措大师率中国佛教代表团访问缅甸。图为中国佛教代表团一行抵达仰光机场时合影。
སྤྱི་ལོ་༡༩༥༠ལོར། ཤེས་རབ་རྒྱ་མཚོ་མཆོག་གིས་བོད་དུ་བཞུགས་པའི་ངོ་ཤེས་རྙིང་པ་དང་། སློབ་མ་བཅས་ལ་འཕྲིན་ཡིག་བཏང་གནང་བ་དང་ལྷག་པར་རླུང་འཕྲིན་བརྒྱུད་གཏམ་བཤད་དང་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས།བོད་ཀྱི་མཐོ་རིམ་ལས་བྱེད་མི་སྣར་གོ་བསྐོན་སློབ་གསོ་བཅས་གནང་ཏེ་བོད་ཞི་བའི་བཅིངས་འགྲོལ་ཆེད་དུ་ནུས་པ་གང་ལེགས་ཐོན་ཡོད། སྤྱི་ལོ་༡༩༥༡ལོར། བོད་ལྗོངས་ས་གནས་སྲིད་གཞུང་གིས་སྐུ་ཚབ་ཚོགས་པ་པེ་ཅིན་དུ་ཞི་བའི་གྲོས་མོལ་བྱེད་པར་མངགས། ཤིའི་ཨན་བརྒྱུད་སྐབས་ཤེས་རབ་རྒྱ་མཚོ་མཆོག་གིས་ཡང་བསྐྱར་ངག་ཕོད་ངག་དབང་འཇིགས་མེད་ལ་དྲན་བསྐུལ་ཚུལ་དུ་གདམས་དོན།༼ངས་ལོ་གཅིག་ལྷག་བརྟགས་པ་བྱས་པ་བརྒྱུད།ཁོ་ཚོའི་སྲིད་ཇུས་ཁག་ཤིན་ཏུ་ཡག་ཅིང་། ལྷག་པར་གྲངས་ཉུང་མི་རིགས་སྲིད་ཇུས་དེ་ཡང་ཤིན་ཏུ་ཡང་དག་པ་གཅིག་འདུག བྱས་ཙང་ཁོ་ཚོར་ཡིད་ཆེས་བློས་འགེལ་བྱེད་ཆོག་པས་ཁྱེད་ཚོ་གྲོས་མོལ་ཡག་པོ་ཡོང་བའི་རེ་བ་སེམས་དབུས་ནས་བཅངས་བཞིན་ཡོ།༽ཅེས་གསུངས་པ་རེད། དེས་ཀྲུང་དབྱང་སྲིད་གཞུང་དང་བོད་ཀྱི་ས་གནས་སྲིད་གཞུང་གཉིས་བར་༼བཅའ་ཡིག་བཅུ་བདུན་པ་༽བཞག་རྒྱུར་ཤུགས་རྐྱེན་གལ་ཆེན་ཐེབ་ཡོད། སྤྱི་ལོ་༡༩༥༩ལོར། བོད་ཀྱི་མཐོ་རིམ་པ་ཉུང་ཤས་ཀྱིས་དྲག་པོའི་ལོག་སྤྱོད་ལས་འགུལ་སྤེལ་བར་ཤེས་རབ་རྒྱ་མཚོ་མཆོག་གིས་དར་ཆ་གསལ་སྟོན་ངང་ཁ་བྲལ་རིང་ལུགས་ལ་དགག་པ་མཐའ་གཅིག་ཏུ་མཛད་པ་རེད། ཁོང་གིས་གསུངས་དོན།བོད་ཀྱི་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་པས་བཙན་རྒྱལ་རིང་ལུགས་དང་ངན་འབྲེལ་བྱས་ཏེ་ངོ་ལོག་ཟིང་འཁྲུག་བྱས་པ་ནི་སྐྱོ་འོས་པ་གཅིག་རེད། འདི་ནི་བོད་མི་དམངས་ཀྱི་བསམ་བློ་ལས་འགལ་བ་མ་ཟད།མེས་རྒྱལ་ལ་རྒྱབ་གཏོད།ནང་པའི་བསྟན་དོན་དང་རྒྱབ་འགལ་རེད་ཅེས་གསུངས།གཞན་ཡང་ཁོང་གིས་མཚོ་སྔོན་དུ་དྲིལ་བསྒྲགས་ཀྱི་ཕྱག་ལས་གང་མང་གནང་བར་མའོ་ཀྲུའུ་ཞིའི་བསྟོད་བསྔགས་གང་མང་ཐོབ་ཡོད།།
1950年,喜饶嘉措多次写信给西藏的故旧、学生,并向西藏地区发表广播讲话,宣传民族宗教政策,劝说西藏上层人士,对促成西藏和平解放起到了重要作用。1951年,西藏地方政府派出代表团赴京和谈。途经西安时,喜饶嘉措又叮嘱阿沛•阿旺晋美说:据我一年多来的观察,他们制定的各项政策是好的,尤其是对待少数民族的政策是正确的,你们完全可以信赖,由衷地希望谈判成功。这对中央人民政府与西藏地方政府签订《十七条协议》,有着积极的影响。1959年,西藏少数上层反动分子发动武装叛乱,喜饶嘉措旗帜鲜明地反对分裂祖国的行径。他发表讲话说:“西藏地方政府和上层反动集团,勾结帝国主义,纠集叛匪进行武装叛乱,是一件可悲的事件。他们违反了西藏人民的意愿,背叛祖国,背叛了佛教教规。”他还在青海开展了许多宣传工作,受到毛主席的表扬。
来源:中国藏语系高级佛学
,