༼ཟླ་བ་ལྷ་མོ།༽
ཚིག བེ་མདའ།
དབྱངས། བསྟན་འཛིན་ཟླ་བ།
གཞས་པ། ཁྱུང་གྲགས་པ།
ཆུང་དུས་རྩེད་རྭའི་ནང་གི །
རྩེད་རོགས་ཟླ་བ་ལྷ་མོ།།
ཁྱོད་དང་བྲལ་བའི་སྡུག་འདིས།།
སེམས་ལ་རྨ་ཁ་བཟོས་སོང་།།
ཉིན་མོ་ཁྱེད་རང་དྲན་ནས།།
མཚན་མོ་ཁྱེད་རང་རྨིས་སོང་།།
བྲལ་ནས་ཡུན་རིང་འགོར་ཡང་།།
ད་རུང་སེམས་ནས་བརྗེད་མེད།།
ཚེ་སྔོན་བག་ཆགས་ཟབ་པའི།།
ཆུང་གྲོགས་ཟླ་བ་ལྷ་མོ།།
མྱི་ཚེ་འདི་ཡི་ནང་ནས།།
ཞེ་མཐུན་དགའ་ལོ་ཁྱོད་ཡིན།།
དྲན་ནས་མིག་ཆུ་ཤོར་སོང་།།
མིག་ཆུ་སེམས་ལ་ཟགས་སོང་།།
ཆུང་གྲོགས་ཟླ་བ་ལྷ་མོ།།
འཛོམས་པའི་ཉིན་བཟང་སྒུག་ཡོད།།
达瓦拉姆
词: 白达
曲:丁增达瓦
演唱:琼扎巴
童年乐园里的
玩伴达瓦拉姆
离开你时的痛
让心底受了伤
由于白天想你
夜晚梦里见你
虽然相离很久
还是忘不了你
上辈子的情缘
童伴达瓦拉姆
如今一生一世
你是我的最爱
思念变成眼泪
泪水流向心底
情人达瓦拉姆
等待相聚的日子
བེ་མདའི་ངོ་སྤྲོད་མདོར་བསྡུས།
1998ལོར་ཨོ་ཐོག་ཁྲོ་ཁོ་སྡེ་བ་རུ་སྐྱེས། 2014ལོ་ནས་རྩོམ་རིག་ལ་གསར་དུ་ཞུགས་ཤིང་ཁོ་བོའི་དགའ་ཕྱོགས་སུ་གྱུར། 2015ལོར་སྒེར་དེབ་ཐོག་མ(རུས་གསེང་གི་གླིང་བུ)ཕུད།
2016ལོ་ནས་གསར་དུ་གཞས་ཚིག་བྲིས་ཤིང་དྲ་བ་དང་དུས་དེབ་སོ་སོ་རུ་གཞས་ཚིག་དུ་མ་སྤེལ།
2017ལོར་ཕ་ཡུལ་ཉག་ཆུ་ཨོ་ཐོག་རུ(ཨོ་ཐོག་སློབ་ཚོགས)ཞེས་ཚོགས་པ་ཞིག་བཙུགས་ཤིང་། ཨ་གསལ་རི་བོ་ཞེས་པའི་དུས་དེབ་ཀྱི་གཙོ་སྒྲིག་པ་དང་རྩོམ་སྒྲིག་པའི་འོས་འགན་དང་དུ་བླངས།
【作者简介】
白达,男。1998年出生于红龙乡措柯村,2014年开始学习文学,并对文学和创作上有一定特色和爱好。2015年首次发布个人作品<རུས་གསེང་གི་གླིང་བུ>。
2016年开始创作歌词并随后在媒体和各大刊物发表。
2017在故乡俄托组织成立俄托学生联会,同年开始收集大中小学生优秀作文,创立首部<阿萨山>刊物,并担任刊物主编。
编辑:松茸君
,